རྩོམ་རིག
pattina tempesta sopra la cerniera abbottonatura
དུས་ཚོད། སྤེལ་མཁན། གླག
Burberry per i ragazzi infantili fa una linea distintiva di abbigliamento per i neonati che utilizzano i
anche se offre anche un attributo un bel po ‘di borse false sbagliare. La linea di fondo per la lettera E
དུས་ཚོད། སྤེལ་མཁན། གླག
E ‘con questo matrimonio che le celebrità non sono mai stati invitati a e sono state molte
སློབ་གྲྭ་ཆེན་མོ་ལ་ཐོན་པའི་ཨ་ཕ་དང་ཨ་ཅེ།
དུས་ཚོད། སྤེལ་མཁན། དོ་དམ་པ།
ང་ཚོ་སློབ་མ་ཞིག་ལ་མཚོན་ན། རྒྱུན་དུ་འཚོ་བའི་ཁྲོད་དུ་གོ་ཟིན་པ་ནི།ང་ཚོ་ནི་མི་རིགས་ཞིག་གི་རེ་བ་དང་། མེས་རྒྱལ་གྱི་གཟི་བརྗིད་ཡིན་ཟེར། ཡིན་ནའང་།དོགས་པ་སྤུ་ཙམ་མི་དགོས་པ་ཞིག་ནི་ང་ཚོ་ནི་རང་གི་ཕ་མ་གཙོ་བྱས་ནས་གཉེན་ཉེ་དག་གི་རེ་བ་ཡིན་ངེས་པ་དེ་རེད། བུ་ཚ་རང་གི་བུ་ཚ་མཛེས།མེ་ཏོག་གཞན་གྱི་མེ་ཏོག་མཛེས་ཟེར་བ་བཞིན། ཕ་མ་སུ་ཡིན་རུང་རང་གི་བུ་རྒྱུད་གཅེས་ཆེ་བ་ཞིག་ལས་ཅི་ཡང་མེད། བུ་ཡོན་ཏན་ཅན་ལ་ཞིང་ཁམས་བདེ། རྟ་གོམ་པ་ཅན་ལ་ས་གཞི་བདེ་ཟེར་སྲོལ་ལྟར། དེང་གི་ཕ་མ་དག་གིས་རང་གི་བུ་རྒྱུད་ཚོ་ལ་ཡོན་ཏན་ཅུང་ཙམ་རྒྱས་ཨེ་ཐུབ་བསམ་ནས། ང་དང་ང་འདྲའི་ན་གཞོན་མང་པོ་ཞིག་ལ་རེ་བ་ཆེན་པོ་རེ་བརྐྱངས་ནས་ཕྱིར་སློབ་གཉེར་བྱེད་དུ་བཏང་བ་རེད།
མིག་གསར་བའི་སྙན་ངག་ཁག་བཞི།
དུས་ཚོད། སྤེལ་མཁན། དོ་དམ་པ།
རྨི་ལམ་གྱི་ངོགས། དབྱར་གྱི་མེ་ཏོག་བཀྲ་བས་མཛེས། ། ཡིད་དུ་ལྷུང་བ་མངོན་པར་བཞད། ། ཆར་ཆུ་ངོགས་ཀྱི་བུ་མོ་ཞིག ། རྨི་ལམ་ངོགས་སུ་མཛེས་པར་འཁྲུངས། ། སྔོ་བསངས་ནམ་མཁའ་ཡངས་ཤིང་ཆེ། ། རྨི་ལམ་ངོགས་ཀྱི་བུ་མོ་ཁྱོད། ། སྤྱན་ཡངས་ཡིན་གྱི་བྱ་བ་དེ། ། ལང་ཚོའི་ངོགས་ལ་རྒྱན་འདོགས་འདྲ།
ཕ་ས་བསྐོར་བའི་ཟིན་ཐོ་རགས་བཏུས།
དུས་ཚོད། སྤེལ་མཁན། དོ་དམ་པ།
ཐོག་མའི་གཏམ། སློབ་མཐར་ཕྱིན་ལ་ཉེ་དུས། རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་ནས་ཐོན་པའི་མི་ཞིག་ང་ཚོའི་སློབ་གྲྭར་བསླེབས་བྱུང་། ཁོའི་དམིགས་ཡུལ་ནི་ང་ཚོ་རྒྱ་ནང་གི་སློབ་གྲྭ་ག་གེ་མོར་བསྡུ་རུབ་བྱ་རྒྱུ་རེད་འདུག ཁོས་ང་ཚོ་ལ་སེམས་བཟང་གི་ཚུལ་དུ། ཁྱེད་ཚོ་ལྟ་བུའི་ས་ཁུག་ལུང་ཀྱོག་ནས་ནར་སོན་པའི་སློབ་མ་ཚོ་ཕྱི་ལོགས་སུ་འགྲིམ་རྒྱུ་ཧ་ཅང་གལ་ཆེན་རེད་ཟེར། ཉིན་མ་དེར། ང་ཚོའི་སློབ་ཁང་ཧྲིལ་བོ་ཐལ་མོ་རྡེབ་སྒྲས་བཀང་ནས་སྤུར་ལ་ཁད་བྱས། མཐར་མི་དེ་འཛུམ་དམུལ་དམུལ་ངང་ང་ཚོ་དང་གྱེས་ཕྱག་ཕུལ་ནས་སློབ་གྲྭ་གཞན་ཞིག་ཏུ་བུད་སོང་།
འབྲོང་མོ་ལ།
དུས་ཚོད། སྤེལ་མཁན། དོ་དམ་པ།
ཟླ་ལྔ་བའི་སྒོ་དམར་ཐང་ནི་ཕྱིང་དཀར་ཐང་ལ་བཏིང་བ་དང་འདྲ།བ་ལི་དཀར་བོ་དང་མཛོ་མོ་བལ་ཁུར་སོགས་རྩ་རྩི་ཏོག་རྣམ་པར་བཀྲ་བའི་གསེབ་ཏུ་ལུག་ཁྱུ་ཚོམ་དང་ཚོམ་བུར།རྒྱང་ནས་བལྟས་ཚེ་ཕྱིང་བའི་ངོས་སུ་བརྡལ་བའི་ཕྱུར་བ་བཞིན་གཞི་གཅིག་ཏུ་འདྲེས་ནས་ཡོད། འབྲོང་མོ་ལ་རྐེད་དུ་བསྡད་ནས་བལྟས་ན།སྒོ་དམར་ཐང་ནི་སོག་པ་ཞིག་གི་དབྱིབས་སུ་ཡོད།སྟག་ལོས་ལུག་ཁྱུ་ཐང་དུ་བཀྲམས་ཡོད་པ་མཐོང་བ་དང་གོམ་ཁ་དལ་མོས་ངང་ནུབ་ཀྱི་ལ་གཟེས་ནས་བསྐྱོད།བཏུལ་ཐང་ཡངས་མོའི་ངོས་སུ་སྒོ་དམར་ཐང་དང་འདྲ་བའི་ཐང་གཤོང་ནི་བགྲང་གིས་མི་ལང་བ་ཞིག་ཡོད།དེ་བས་ཕྱོགས་གང་དུ་བལྟས་ཀྱང་རྒྱང་རིང་གི་གནམ་ས་འདྲེས་མཚམས་སུ་ལྕགས་རིའི་མུ་ཁྱུད་ཀྱི་རི་ཚོགས་ལས་མཐོང་ལམ་སྒྲིབ་མཁན་ཞིག་མེད། སྟག་ལོ་གཅིག་པུ་འབྲོང་མོ་ལ་ཁ་རུ་བུད་དེ་ཉིན་གསར་བ་ཞིག་གདོང་གིས་བསུ་མགོ་བརྩམས།དོན་གྱིས་ཁོ་ལ་ལུག་ཁྱུར་མིག་གིས་འཚོ་བ་ལས་སྒྲུབ་ཆོག་པའི་དོན་གཞན་གང་ཡང་མེད།ཨ་མས་བཤད་ན་ད་ལོའི་ལོ་སར་ན་ཁོ་རང་ཕོ་ལོ་
ཉེ་རྩོམ།
དེང་རབས་སྙན་ངག་གླེང་བ།
དུས་ཚོད: སྤེལ་མཁན། དོ་དམ་པ།
1 སྤྱིར་ན་དེང་རབས་སྙན་ངག་གླེང་རྒྱུ་དེ་ཤིན་ཏུ་ཁག་པའི་བགྱི་བ་འབའ་ཞིག་ཡིན་ནའང་། དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་ཀྱི་མི་འདྲ་ས་ཞིག་ཀྱང་འདིར་ཉུང་བསྡུས་སྒོས་གླེང་བའི་ངལ་ལས་བསྟེན་རྒྱུ་ཡིན། དེང་རབས་སྙན་ངག་གི་ཁམས་ནི་བང་རིམ་རང་བཞིན་ལ་སྙེག་པ་ཅན་ཞིག་ཡིན་ཞིང་། སྲོལ་རྒྱུན་སྙན་ངག་གི་ཁམས་ནི་གཏན་ཚིགས་ཀྱི་འཇིག་རྟེན་ཞིག་རེད། གཏན་ཚིགས་ནས་བང་རིམ་ཅན་ལ་སྙེག་གིན་པ་དེ་ནི་སྙན་ངག་གི་འཕོ་འགྱུར་ཞིག་ཡིན། དེང་རབས་སྙན་ངག་བང་རིམ་ཅན་ལ་འཕོ་བའི་གོ་རིམ་ཁྲོད་དུ། སྙན་ངག་པས་ཐད་ཚོར་ཉམ་ཉེས་སུ་གཏོང་བ་དང་། སད་རྟོགས་ཀྱི་སྒོ་མོ་ཡོད་ཚད་རྒྱག་པ། བརྩེ་དུང་སྤྲིན་བཞིན་འཕྱུར་བ་བག་ལ་ཞ་བར་བྱེད་པ། ལྐོག་གྱུར་དང་བདེན་པ
ཕ་ས་བསྐོར་བའི་ཟིན་ཐོ་རགས་བཏུས།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཐོག་མའི་གཏམ། སློབ་མཐར་ཕྱིན་ལ་ཉེ་དུས། རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་ནས་ཐོན་པའི་མི་ཞིག་ང་ཚོའི་སློབ་གྲྭར་བསླེབས་བྱུང་། ཁོའི་དམིགས་ཡུལ་ནི་ང་ཚོ་རྒྱ་ནང་གི་སློབ་གྲྭ་ག་གེ་མོར་བསྡུ་རུབ་བྱ་རྒྱུ་རེད་འདུག ཁོས་ང་ཚོ་ལ་སེམས་བཟང་གི་ཚུལ་དུ། ཁྱེད་ཚོ་ལྟ་བུའི་ས་ཁུག་ལུང་ཀྱོག་ནས་ནར་སོན་པའི་སློབ་མ་ཚོ་ཕྱི་ལོགས་སུ་འགྲིམ་རྒྱུ་ཧ་ཅང་གལ་ཆེན་རེད་ཟེར། ཉིན་མ་དེར། ང་ཚོའི་སློབ་ཁང་ཧྲིལ་བོ་ཐལ་མོ་རྡེབ་སྒྲས་བཀང་ནས་སྤུར་ལ་ཁད་བྱས། མཐར་མི་དེ་འཛུམ་དམུལ་དམུལ་ངང་ང་ཚོ་དང་གྱེས་ཕྱག་ཕུལ་ནས་སློབ་གྲྭ་གཞན་ཞིག་ཏུ་བུད་སོང་།
རང་ས་རང་ལག་ནས་ཤོར་བའི་ན་ཟུག
དུས་ཚོད: སྤེལ་མཁན། དོ་དམ་པ།
——ཟིན་བྲིས་སྣ་ཐུན་ཙམ། དབྱར་གནང་དང་དགུན་གནང་གི་དུས་སུ་ཕ་ཡུལ་ལ་ལོག་ཐེངས་རེར། ཟླ་ངོ་འགའ་མ་རིག་པའི་ཕ་ཡུལ་ནི་སྐད་ཅིག་ཙམ་གྱི་རིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། སྡེ་མི་ཚོ་རང་རང་ས་ན་ཁོམ་ལོང་མེད་པར་ལས་ཀ་ཙག་ཙིག་གི་ཁྲོད་དུ་འདུར་རྒྱུགས་བྲེལ་ཞིང་ཁོ་ཚོའི་ཐུན་མོང་གི་གླེང་ཕྱོགས་ཡང་གཅིག་ཏུ་འཁེལ་ཡོད་དེ། ཅི་འདྲ་བྱས་ཏེ་འཚོ་བ་ཡར་རྒྱས་སུ་གཏོང་རྒྱུ་དེ་རེད། ངའི་ཕ་ཡུལ་ལ་མཚོན་ནས་བཤད་ནས་ས་ཁམས་ཁོར་ཡུག་བཙོག་ལ་དཔྱིད་དགུན་གྱི་དུས་ཚིགས་ལ་བྱེ་ཟགས་ཀྱིས་ཁ་ལོ་བསྒྱུར་བཞིན་གནམ་ས་གཅིག་ཏུ་འདྲེས་བའི་ཚོད་ཀྱང་ཡོད་དེ་མི་ཚོའང་གནས་དེར་འདུག་མི་བཟོད་པའི་ཚུལ་དུ་ལྷུང་ཡོད། ཡིན་ནའང་མི་རབས་ནས་མི་རབས་མང་བོ་ཞིག་བརྒྱུད་དེ་ད་ལྟའི་བར་ལ
སློབ་མ་གཞན་འགྱུར་བ་ནི་དགེ་རྒན་ལན་པ་རེད།
དུས་ཚོད: སྤེལ་མཁན། དོ་དམ་པ།
རྣག་རྡོ། ཁྱོན་མིའི་རིགས་འདི་ལད་བཟློས་དང་འགྲན་སྣང་ལ་དགའ་ཞིང་། ལྷག་པར་དུ་མཐོ་སྒང་གི་ས་དཀྱོགས་ལུང་དཀྱོགས་ཀྱི་མི་འདི་དག་ལད་བཟློས་ལ་དགའ། དེ་ནི་ལྟ་རྒྱ་དང་མཐོང་བའི་ཆུ་ཚད་དམན་པའི་རྒྱུ་མཚན་ཡིན་དུ་ཞོགས ། གང་ལ་འགྲན་དགོས་པ་དང་གང་ལ་འགྲན་མི་དགོས་པ་མི་ཤེས་པ་ནི་ཀླད་པ་ངན་པ་ཙམ་མ་ཡིན་པར་ཤེས་བྱ་དང་རིག་གནས་ཀྱི་རྨང་རྐང་མ་ཡོད་པས་རེད ། དེ་བས། སློབ་མ་དག་གིས་རྒྱ་དང་མི་རིགས་གཞན་ལ་འགྲན་ནས་ཆ་ལུགས་དང་གུས་ལུགས་འདྲ་མིན་སྟོན་རྒྱུ་དང་དུས་ཆེན་དགོས་མི་དགོས་ཚང་མ་རོལ་རྒྱུ་ནི་མི་རིགས་གཞན་པ་ལ་ཁས་བླངས་བ་དང་ཡང་ན།མི་རིགས་དེའི་རྗེས་སུ་འབྲངས་བའི་སྟ་གོན་བྱེད་ཀི་ཡོད་པ་རེད ། ཁྱོན་དུས་ཆེན་ཙམ་རོལ་བ་དང་ཆ་ལུགས་ཙམ
སི་ཁྲོན་མི་རིགས་སློབ་གླིང་བོད་ཀྱི་སྐད་ཡིག་རྩོམ་རིག་ཚན་ཁག་གི《ཡིད་ལྷུང་ལྷ་མཚོ》འདོན་ཐེངས་དགུ་པའི་འདྲ་རིས།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲི་ཀ་དང་གྲོང་ཁྱེར།
དུས་ཚོད: སྤེལ་མཁན། ཐོག
ནམ་རྒྱུན་ང་རང་ཕ་ཡུལ་དུ་ལོག་ཐེངས་རེ་རེར། རླངས་འཁོར་ལ་བསྡད་དེ་ཁྲི་ཀ་རྫོང་མཁར་དུ་འགྲོ་བ་དང་། དེ་ནས་འཕྲང་དམར་ལུང་ཕུགས་ཀྱི་ཕ་ཡུལ་དུ་བསྐྱོད་དགོས་པ་ཡིན། གསལ་བོར་བཤད་ན། ཁྲི་ཀ་རྫོང་མཁར་ནི་ངའི་ཕ་ཡུལ་གནས་སའི་མཁར་གྲོང་ཆུང་ངུ་ཞིག་ཡིན། ལོ་འགའི་སྔོན་ནས་བཟུང་། གཞུང་གང་དེས་མཁར་གྲོང་ཆུང་ངུ་དག་གྲོང་ཁྱེར་དུ་གཏང་བའི་ཇུས་གཞི་ཆེན་པོ་ཞིག་འཐེན་པ་ཡིན་མོད། ད་ལྟའི་ཆ་འདིར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མཚོ་ཤར་གཉིས་གྲོང་ཁྱེར་དུ་བཏང་བ་ལས་གཞན་དག་ད་རུང་གཏང་ཐུབ་མེད། ཡིན་ནའང་། དེ་ནི་སྐབས་སུ་ལུས་པའི་བྱ་བ་ཙམ་རེད།
ཕ་ཡུལ་དང་རིག་གནས།
དུས་ཚོད: སྤེལ་མཁན། ཐོག
ཉེ་ལམ། ངས་ཡུལ་མི་འགའ་རེའི་ངག་ལས་ང་ཡི་ཕ་ཡུལ་ཕྱོགས་སུ་གཞུང་གིས་རྫོང་གང་དེའི་བོད་ཀྱི་གྲོང་ཚོ་ཁག་གི་ཁྱིམ་དུད་སོ་སོས་སྡོད་ཁང་གི་ཁང་ཡིག་ལེན་པ་དང་། ཞིང་ས་བསྙམ་རྒྱུའི་ལས་གཞི་ཞིག་གི་དབུ་བརྩམ་དགོས་པའི་ཡིག་ཆ་ཞིག་བཀྲམས་པ་མང་དུ་ཐོས་ཤིང་། ཕ་ཡུལ་ཕྱོགས་སུ་གཞུང་གིས་རྒྱའི་སྦྱིན་བདག་མང་པོར་ཁྲལ་བཞག་ནས་མི་དམངས་ཚང་མའི་སྒོ་ཕྱུགས་རྒྱ་མར་འཇལ་ཏེ་ཉོ་བའི་སྣང་ཚུལ་འབྱུང་བཞིན་པའང་གསལ་བོར་མཐོང་མྱོང་། འདི་ནི་རང་རེའི་བོད་ཀྱི་འཚོ་བར་གསང་བའི་སྒོ་ནས་འཇབ་རྒོལ་བྱེད་ཚུལ་ཞིག་རེད་ལ། བོད་མི་རྣམས་ཀྱི་བསམ་བློ་དང་དཔལ་འབྱོར་འཚོ་བ་རྨང་ནས་བཤིག་སྟངས་ཤིག་ཀྱང་རེད།
དབྱར་རྩྭ་དང་དགུན་ཉལ།
དུས་ཚོད: སྤེལ་མཁན། ཐོག
མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ། མཚོ་ལྷོ་ཁུལ་གྱི་བྲག་དཀར་རྫོང་། མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་བཅས་ཀྱི་མི་དམངས་ཕལ་ཆེ་བས་རང་གི་རྔུལ་ཆུས་བསགས་པའི་དངུལ་ལོར་དག་གཏན་ནས་བཀོལ་མི་ཤེས་ཏེ། དབྱར་ཁར་རང་གི་རྩྭ་ས་དག་མི་གཞན་ལ་གླས་ཏེ་དབྱར་རྩྭ་བརྐོ་རུ་འཇུག་པའམ།དབྱར་རྩྭའི་ཚོང་ལས་བྱས་ནས་ལག་ཏུ་དངུལ་ལོར་འབོར་ཆེན་རེ་རེག་རྗེས། ཐད་ཀར་གྲོང་ཁྱེར་ཟི་ལིང་སོགས་སུ་ཡོང་སྟེ་དངུལ་ལོར་རྫོགས་མེད་བཏང་ནས་མགྲོན་ཁང་གླས་ཏེ་དེ་ལ་མཛེས་རྒྱན་སྤྲས་པ་དང་། ཟླ་བ་འགར་དགུན་ཉལ་བྱས་ཏེ་ཉི་མ་སྐྱེལ་བའི་གོམས་སྲོལ་ཞིག་ཆགས་འདུག་ཅིང་། སྐབས་དེ་དག་གི་རིང་ལ་ཁོ་ཚོས་ཆང་ཁང་འགྲིམས་པ་དང་། རྡུང་རེས་བཅའ་བ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་སྤེལ་པས། མཐར་རང་ལག་གི་དངུལ་ལོར་གང་དགར་བརླག་པ་དང་རང་ཉིད་བཙོན་དུ་ཚུད་པའི་སྣང་ཚུལ་ཡང་མང་དུ་འབྱུང་བཞིན་མཆི།
ཐབས་ལ་མཁས་པའི་ཨ་མ་དང་སྤྱང་གྲུང་ལྡན་པའི་བྱིས་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྒྱུར་པ་པོའི་གཏམ། ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ། གཞན་རིགས་ཀྱི་ཨ་མ་དག་གིས་རང་གི་བྱིས་པར་སྐུལ་སློང་དང་ཡིད་ཆེས། བྱིས་པའི་དྲི་བ་ལ་ལན་ལོག་མ་བཏབ་པ། རྨི་ལམ་ལ་གཅེས་སྐྱོང་དང་བྱིས་པའི་གཤིས་སྤྱོད་ལ་གསལ་ཆ་ཡོད་པ་སོགས་ལ་བརྟེན་ནས་རང་གི་བྱིས་པ་ཕུལ་བྱུང་ཅན་དུ་བཏང་ཚར་བའི་སྐོར་གྱི་རྩོམ་ཐུང་ལེགས་ཤོས་འགའ་བསྒྱུར་པ་ཡིན། བྱིས་པའི་རྨི་ལམ་ལ་གཅེས་སྐྱོང་བྱེད་དགོས།
ཁྲིམས་སྐྱོང་མེད་པའི་དམངས་གཙོ་ནི་དམངས་གཙོ་སྐྱོན་ཅན་ཞིག་གོ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྤྱིར་དམངས་གཙོའི་ཆབ་སྲིད་ཀྱི་མགོ་ཁུངས་ནི་གནའ་བོའི་གྷི་རིགས་ཀྱི་ཨ་ཐེན་སི་མཁར་གྲོང་རྒྱལ་ཁབ་ཡིན་པ་དང་ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད། མིའི་རིགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ། དམངས་གཙོ་ནི་ལམ་ལུགས་ངན་པ་དང་ཐ་ཆད་འབའ་ཞིག་ཏུ་ངོས་བཟུང་ཡོད་པ་རེད། དཔེར་ན་གནའ་བོའི་གྷི་རིགས་ཀྱི་བསམ་བློ་བ་ཆེན་པོ་ཨ་རེ་སི་ཏོ་ཏལ་ལ་སོགས་པས་དམངས་གཙོའི་ལམ་ལུགས་ལ་དགའ་མོས་ཆེར་མི་བྱེད་དོ།། 1688ལོར་དབྱིན་ཇིའི”གཟི་བརྗིད་གསར་བརྗེའི”རྗེས་སུ། ད་གཟོད་ཉེ་རབས་ཀྱི་མཚན་ཉིད་ཚང་བའི་ངོ་ཚབ་ལམ་ལུགས་ཀྱི་དམངས་གཙོའི་སྲིད་ལུགས་དང་པོ་དངོས་སུ་བྱུང་། ཡིན་ནའང་སྐབས་དེ་དག་ཏུ་དམངས་གཙོ་ནི་མང་མང་གིས”སྲང་ལམ་གྱི་ཆབ་སྲིད(街头政治)”ཙམ་དུ་ངོས་འཛིན་པ་རེད།
ལོ་ལོ་མ་ངུ་སྲོན་ལ་སྡོད།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཐོག་རྩེག་བཞི་པའི་མལ་ཁང་ཨང406ཏུ། གྲོགས་པོའི་བུ་རང་གི་མལ་ཁྲིའི་གན་ན་ལག་པ་གཡོན་པ་ཤིང་དུམ་བཞིན་ཐུར་དུ་གློད་ལ་ངོ་གནོང་ངེར་འདུག མ་གཞི་ཁོའི་ཕྲག་ཁས་གཡོན་པར་ཁམ་ཐིག་ལག་མཐིལ་ཙམ་ཞིག་ཁྲག་མདོག་དམར་ལྷུག་གེར་སྐྲང་སྦས་ཐེབས་འདུག་པས་དེ་མཚུངས་ཀྱི་ན་ཟུག་སྐྱེ་བཞིན་ཡོད་ཚོད། གྲོགས་པོས་སྐྲང་ཞོམ་དང་ཚིགས་གཟེར་ཞི་བྱེད་ཀྱི་སྨན་ཁུ་བྱུག་གིན་བུ་ལ་སེམས་གསོ་འདྲ་བྱེད་ཀྱིན་འདུག
དོ་རྒྱ་བསོད་ཚེ་ལགས་ཀྱིས་སློབ་གསོའི་ཐད་ཀྱི་དྲི་བར་ལན་བཏབ་ཡོད་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
གཟའ་ཕུར་བུའི་ཉིན་གྱི་སློབ་རའི་འགྱུར་ཁུགས་ལེ་ཚན་བཅོས་སྒྱུར་ཐད་ཀྱི་བགྲོ་གླེང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ལ༢༠༡༠ལོའི་ཟླ༣པའི་ཚེས༡༡ཉིན་བཅར་འདྲི་བྱས་པ། མདོ་འཛིན་པ་བཀྲ་ཤིས་དོན་གྲུབ།།ཡ། དགེ་རྒན་དེ་རིང་ཁྱོའི་བྲེལ་ཟིང་གི་བྱ་བའི་ཁྲོད་ནས་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་བཅར་འདྲི་འདི་དང་ལེན་བྱས་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། དགེ་རྒན་བསོད་ནམས་ཚེ་རིང་། འོ། དེ་སྐྱོན་མེད་པ་རེད། མདོ་འཛིན་པ་བཀྲ་ཤིས་དོན་གྲུབ། དགེ་རྒན་བསོད་ནམས་ཚེ་རིང་ལགས། ཁྱོད་ལ་མཚོན་ན། ང་ཚོའི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་གྲོགས་པོ་རྙིང་བ་ཞིག་རེད། དགེ་རྒན་ཁྱོད་ནི་རྣམ་ཀུན་ང་ཚོའི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་
རང་དབང་དང་སྟངས་འཛིན།
དུས་ཚོད: སྤེལ་མཁན། དོ་དམ་པ།
རང་དབང་ལ་ཐལ་མཐའ་ལྷུང་ཚེ། དེ་ནི་སྲིད་གཞུང་མེད་པའི་རིང་ལུགས(无政府主义)ཡིན་ལ། སྟངས་འཛིན་ལ་ཐལ་མཐའ་ལྷུང་ཚེ། དེ་ནི་སྒེར་གཅོད་ཀྱི་སྤྱི་ཚོགས་འབའ་ཞིག་ཡིན། རང་དབང་དང་སྟངས་འཛིན་ནི་མིའི་རིགས་ཀྱི་སྤྱི་ཚོགས་དོ་མཉམ་ཡུན་གནས་ཡོང་བྱེད་འདབས་ཆགས་ཀྱི་གཤོག་ཟུང་ལྟ་བུ་ཡིན་ཏེ།སྟངས་འཛིན་མེད་པའི་རང་དབང་ནི་རབ་ཁ་མེད་པའི་གཙང་བོ་དང་འདྲ་ལ། ལྡོག་སྟེ། རང་དབང་མེད་པའི་སྟངས་འཛིན་ནི་ལྟག་ཆུ་ཆད་པའི་རྫིང་བུ་འདྲ། ལའོ་སི་ཁེན་གྱིས་འདི་གཉིས་ལྟོས་བཅས་སུ་འགངས་ཆེ་བ་དང་མི་བུས་བརྩི་འཇོག་བྱེད་འོས་པ་ནི་སྟངས་འཛིན་ཡིན་པ་ལས། རང་དབང་ནི་མིན་པར་གསུངས་པ་རེད།___འདྲེན་ཚིག
དད་མོས་རང་དབང་དང་ཀྲུང་གོའི་འབྱུང་འགྱུར།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཀྲུང་གོ་རྒྱལ་ཁབ་ཏུ། དམངས་གཙོའི་ཆབ་སྲིད་ནི་ཚན་རིག་དང་དཔྱོད་ཤེས་རྨང་རྐང་ཡིན་པའི་ལམ་ལུགས་ཤིག་ཏུ་ངོས་འཛིན་པ་དང་། ལྡོག་སྟེ། ཆོས་ལུགས་ནི་མི་རྣམས་ཀྱི་བློ་ངོར་རྨོངས་དད་ཤིག་ཡིན་པའི་ཉམས་སྣང་སྐྱེས་ཀྱིན་ཡོད་པ་རེད། དམངས་གཙོའི་ཆབ་སྲིད་ནི་ཆོས་ལུགས་དད་མོས་རང་དབང་དང་ཁ་འབྲལ་ཐབས་ཡོད་དམ།
གློག་བརྙན《ཚེ་རིང་གི་སྐྲ》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཉེ་ཆར་ན་གཞོན་འཁྲབ་ཁྲིད་པ་སྙུག་བཅུད་ལེན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་པ《ཚེ་རིང་གི་སྐྲ》ཞེས་པ་དེ་ཨ་མདོ་རྔ་བ་ནས་ཕབ་སྐྲུན་མཛད་སྒོ་སྤེལ་ཞིང་། སྤྱི་ཟླ2015_8_21ཉིན་ཕབ་སྐྲུན་གྱི་ལས་ཡོངས་སུ་མཇུག་གྲུབ་པ། གློག་བརྙན་འདིའི་ནང་དེང་གི་ན་གཞོན་སྙན་ངག་པ་མགར་དམག་གིས་གཙོ་འཁྲབ་བྱས་ཡོད་ཅིང་། ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་བརྙན་ལེན་གྱི་ལས་འགན་གཅིག་ལྕོག་གི་འོག་གྲུབ་པ་ཞིག་ཡིན་ནོ།།
སློབ་ཆེན་འཚོ་བ་ཅི་ལྟར་བསྐྱལ་དགོས་སམ།
དུས་ཚོད: སྤེལ་མཁན། དོ་དམ་པ།
གལ་ཏེ་སློབ་ཆེན་སློབ་མས་“སློབ་ཚན་རེ་རེའི་ཡིག་ཚད་ལོང་ན་འགན་ཁུར་གྲུབ་པར་”འདོད་ན།དེ་ནི་“བསླབ་གནས་གཙིགས་སུ་འཛིན་པ་ལས། ཐོས་བསམ་བརྩོན་གཉེར་མི་བྱེད་”པའི་སློབ་མ་རེད། མི་འདི་ཚོར་“རང་རྟོག”གི་ནུས་པ་ཡོད་པ་མ་ཡིན་ནོ།། འོ་ན་སློབ་མའི་“རང་རྟོག་”ནུས་པ་སྐྱེད་བསྲང་བྱ་རྒྱུར་ཁྱད་གསོད་བྱེད་པ་ན། “ལམ་སྟོན་འཇོན་མི་”རུ་གསོ་སྐྱོང་བྱེད་ཅེས་པ་ནི་སྟོང་གཏམ་ཁོ་ན་འོས་ཡིན།།
དད་མོས་ཀྱི་རང་གཏམ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཨེ་དབྱིན་སི་ཏན་གྱིས་བརྩམས། ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར། ཨེ་དབྱིན་སི་ཏན།(1879–1955)འཇར་མན་དུ་འཁྲུངས་ཤིང་། ཡིའུ་ཐེ་མི་རིགས་ཡིན་པ་དང་། ཕྱིས་སུ་ཨ་རིའི་རྒྱལ་ཁོངས་སུ་ཞུགས། ཚན་རིག་པ་རླབས་ཆེན་ཞིག་ཡིན།
རིག་གཞུང་གི་མི་ཚེ་སྙེག་པའི་བཞུད་ལམ་གྱ་གྱུ། — རྨེ་རུ་ཡུལ་ལྷ་ཐར།
དུས་ཚོད: སྤེལ་མཁན། དོ་དམ་པ།
མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་སློབ་ཁྲིད་སྒྲ་ཕབ། ཁག་ལྔ་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲིད་བྱང་། རཱ་མ་ཎའི་རྟོགས་བརྗོད། ཁྲིད་མཁན། དོན་གྲུབ་རྒྱལ།
མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་སློབ་ཁྲིད་སྒྲ་ཕབ། ཁག་བཞི་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲིད་བྱང་། རཱ་མ་ཎའི་རྟོགས་བརྗོད། ཁྲིད་མཁན། དོན་གྲུབ་རྒྱལ།
མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་སློབ་ཁྲིད་སྒྲ་ཕབ། ཁག་གསུམ་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲིད་བྱང་། རཱ་མ་ནའི་རྟོགས་བརྗོད། ཁྲིད་མཁན། དོན་གྲུབ་རྒྱལ།
འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།
དུས་ཚོད: སྤེལ་མཁན། དོ་དམ་པ།
རྡོ་རྗེ་རིན་ཆེན་གྱིས། བོད་ཀྱི་ཤེས་ཡོན་པ་དང་ཡི་གེ་བ། སྙན་ངག་པ་དང་རྩོམ་པ་པོ་ཚང་མས། མི་ཞིག་ཚེ་ཐོག་འདིར་ཡོད་དུས། གང་དེའི་སྙན་ངག་པ་དང་རྩོམ་པ་པོ་དེར། དུས་རྒྱུན་ངན་བཤད་པ་དང་སྐྱོན་འཚོལ་བ། ཕྲག་དོག་བྱེད་པ་ལ་སོགས་ཀྱིས། གང་ཐུབ་གང་ངན་གྱིས། མི་དེར་སྐྱོན་མེད་ས་ནས་སྐྱོན་བཙལ། སྡིག་མི་དགོས་ས་ནས་སྡིག མདོར་ན། མི་གཤིས་མེད་སྟངས། ཡོན་ཏན་མེད་ཚུལ་སོགས་ལུང་བ་གང་བཤད་པ་རེད།
འབུ་མེ་ལྕེབས།
དུས་ཚོད: སྤེལ་མཁན། དོ་དམ་པ།
—ཁ་བ་སྙིང་ལྕགས་ལ་ཕུལ་བ། གནས་འདིར་འབུ་མེ་ལྕེབས་མང་པོ་ཞིག་མེད་ལ། འོད་སྣང་གི་ཆེད་དུ་རང་ལུས་སྒྲོན་མཁན་གྱི་མེ་ལྕེབས་ནི་དེ་བས་ཀྱང་ཉུང་། —སྔོན་འགྲོའི་གཏམ། འབུ་མེ་ལྕེབས་ངས་ཁྱེད་རང་དངོས་གནས་མཐོང་མྱོང་ཡོད། དེ་ནི་ཁྱོད་ཀྱི་གདོང་གི་འཛུམ་མདངས་དང་ལུས་ཀྱི་བཟོ་ལྟ་ཙམ་མཐོང་བ་མ་ཡིན་པར། ནང་སེམས་ཀྱི་འཇིག་རྟེན་དང་སྤོབས་པའི་མེ་ལྕེ་མཐོང་བ་ཡིན། དགུན་ཁ་ཞིག་ལ་ངས་ཁྱེད་ཀྱི《འབུ་མེ་ལྕེབས》ཞེས་པའི་ལྷུག་རྩོམ་ཞིག་བཀླགས་མྱོང་ཡོད། དེ་བཞིན་དུ་དགུན་ཁ་དེར་ངས་ཁྱོད་ལ་འཕྲིན་ཕྲན་བརྒྱུད་ནས། ཁྱོད་རང་དོན་དངོས་ཀྱི་འབུ་མེ་ལྕེབས་ཤིག་ཡིན་མིན་སྐོར་གྱི་དྲི་བ་བྱས་མྱོང་ཡོད། སྐབས་དེར་ཁྱོད་
ཁ་བ་སྙིང་ལྕགས་ལ་ཕུལ་བ།
དུས་ཚོད: སྤེལ་མཁན། ཐོག
—ཐོག ཤིག་ཤིག་ཏུ་རྒྱུ་བའི་མཚོ་སྔོན་པོའི་རླུང་བུ གནས་འདིར་ངང་གིས་ལྡིང་ཡོང ཁྱོད་རང ཆབ་ཆའི་ཉི་ཟེར་དུ་འཁྲུལ་ཏེ ངས་རང་ཉིད་ལ་སེམས་གསོ་གྲངས་མེད་བྱས རྣོ་ལྕགས་བཞུས་པའི་མིག་ཟུང་ཁོ་ནའི་ངོས་སུ བྲི་མི་ཤེས་པའི་ཡི་གེའི་ཞུན་ཐིགས་བཞུར གནས་འདིར་རླུང་བུ་ལྡང་དུས ང་རང མིག་ཆུའི་གསེང་གི་ལོ་མ་དམར་པོར་གྱུར མཚན་མོའི་ནམ་མཁའ་ནས་ཆར་བ་བབས་བྱུང ལྷིང་འཇགས་ཀྱི་སྲང་ལམ་ན
《འབུ་མེ་ལྕེབས》ཀྱི་རྩོམ་པོ་འདས་གྲོངས་སུ་གྱུར་བ་ལ་མྱ་ངན་ཞུ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྤྱི་ཟླ6པའི་ཚེས26ཉིན་གྱི་མཚན་མོའི་ཆུ་ཚོད20:00ཡས་མས་ཤིག་གི་སྟེང་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོ་ཅང་སི་སྟེ་ཁོང་གི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་དེ་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་བ་རེད།
ལྷོག་ལྷོག་ཏུ་གདུ་བཞིན་པའི་པན་ཧྲི།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྤྱི་ཚོགས་རྙིང་བར། མི་རྣམས་ཀྱིས་ཤ་ཟ་རྒྱུ་ཡོད་དུས་ལྡུམ་བུ་མི་ཟ་བར་བཤད་མོད། དེང་གི་དུས་ན་ཤ་ཟ་རྒྱུ་མང་དྲགས་ཏེ་ཤ་རིག་ན་ཞེན་ཁ་ལོག་པའི་གནས་ཚུལ་ཡོད་ལ། ཤ་ཟ་རྒྱུ་ལས་ལྡུམ་བུ་ཟ་རྒྱུར་མོས་པ་ཆེན་པོ་བྱེད་ཀྱིན་ཡོད་འདུག བདག་རང་གི་དྲན་པའི་ཀློང་ནའང་ལོ་གསར་ལ་ཐོན་སྐབས་སུ་ད་གཟོད་ཤ་ཟ་རྒྱུ་ཡོད་ཅིང་། དེའི་སྐབས་སུ་ཤའི་ཚོད་མ་དང་ཤའི་པན་ཧྲི་ཟོས་ཏེ་ལྟོ་བ་འགྲངས་མེར་མེར་བྱེད་བཞིན་ཡོད། དེའི་དབང་གིས་ཤའི་ཚོད་མ་དང་ཤའི་པན་ཧྲི་ནི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཅུང་ཟད་གཟབ་རྒྱས་ཡིན་པའི་ཟས་རིགས་ཤིག་སྟེ། ལོ་གསར་དང་དུས་ཆེན་དག་ལ་མ་གཏོགས་ཟ་རྒྱུ་མེད་ལ། ལོ་གསར་གྱི་སྐབས་སུ་ད་གཟོད་ཁྱིམ་མི་གང་བོའི་ལོངས་སྤྱོད་བྱེད་ཡུལ་ཅིག་ཏུ་
མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་སློབ་ཁྲིད་སྒྲ་ཕབ། ཁག་གཉིས་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲིད་བྱང་། རཱ་མ་ཎའི་རྟོགས་བརྗོད། ཁྲིད་མཁན། དོན་གྲུབ་རྒྱལ།
སི་ཁྲོན་མི་རིགས་སློབ་གླིང་བོད་ཡིག་ཚན་ཁག་གི《ཡིད་ལྷུང་ལྷ་མཚོ》འདོན་ཐེངས་བརྒྱད་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་སློབ་ཁྲིད་སྒྲ་ཕབ། ཁག་དང་པོ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྲིད་བྱང་། རཱ་མ་ཎའི་རྟོགས་བརྗོད། ཁྲིད་མཁན། དོན་གྲུབ་རྒྱལ།
རྐང་ལམ་ཁྲོད་ཀྱི་གཏམ་རྒྱུད།
དུས་ཚོད: སྤེལ་མཁན། དོ་དམ་པ།
༡ ང་རང་ནི་གངས་དཀར་ལྷུན་པོའི་འདབས་རོལ་དང་།སྔོ་ལྗང་རྩྭ་ཐང་ཆེན་མོའི་སྟེང་ནས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་དང་འགྲོགས་ནས་ནར་གསོན་པ་ཡིན།ཆུང་དུས་སུ་ང་རང་ཨ་མྱེའི་བཤད་པའི་གནའ་གཏམ་ལ་ཉན་པར་དགའ་།ནམ་རྒྱུན་ཕྱི་དྲོ་ཆུ་ཚོད་གཉིས་གསུམ་ལ་ཐོན་དུས།ང་རང་ཨ་མྱེ་དང་མཉམ་དུ་ཟོག་རྫིར་སླེབས་ངེས།སྐབས་དེར་ང་ཁོའི་ལག་པར་འཇུ་ནས་ཐག་རིང་ལ་ཡང་མི་རིང་བའི་ནོར་ཚོགས་ལ་ལྟ་ཞོར་ཆས།
བླ་ཆེན་པོའི་སྐུ་གདུང་ག་རེ་བརླགས་སོང་།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྤྱི་ལོ༨༤༠ཡས་མས་ཤིག་ལ་བཙན་པོ་འུ་དུམ་བཙན་གྱིས་ལྷ་ཁང་མཐའ་དག་ཐལ་བའི་རྡུལ་དུ་བརླགས། ཆོས་དཔེ་ཐམས་ཅད་འབྱུང་བཞིར་བསྟིམས། རབ་བྱུང་བ་ཀུན་ལ་མདའ་གཞུ་རྔ་གཤང་འཕྲད་པས་སྙིགས་མའི་དུས་འདྲ་བ་ཞིག་བྱུང་བས། ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་དཀར་བོ་ལ་སོལ་བ་ནག་པོ་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གྱོན། ལྕགས་མདའ་ལྕགས་གཞུ་བསྣམས་ཏེ་ལྷ་སར་འབྱོར། རྒྱལ་བོ་སྡིག་པ་ཅན་དམྱལ་བར་མི་ལྟུང་བའི་སླད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་མ་བཟོད་པར་མདའ་མོ་གཅིག་གིས་གཙུག་ལག་ཁང་གི་སྒོ་མདུན་དུ་ཕྱི་མར་བསྐྱལ།
མཐོ་རྒྱུགས་རེ་ཞུའི་རེའུ་མིག་སྐོང་བའི་ལེགས་འགྲུབ་སྲིད་ཕྱོད་ཇི་ལྟར་མཐོ་རུ་གཏང་དགོས།
དུས་ཚོད: སྤེལ་མཁན། དོ་དམ་པ།
དང་པོ། “རྟགས་བཞག”སློབ་གྲྭའི་མི་བསྟུན་སློབ་བསྡུའི་གནས་ཚུལ་ལ་རྒྱུས་ལོན་དགོས། རྒྱུགས་ཞུགས་སློབ་མས་མཐོ་རྒྱུགས་རེ་ཞུའི་རེའུ་མིག་བསྐང་བར་ཕྱོགས་ཡོངས་ནས་གཞིའམ་རྐྱེན་མང་པོར་བསམ་གཞིགས་བྱ་དགོས། འོན་ཀྱང་། འདིའི་གཙོ་བོར་གྱུར་བ་ཞིག་ནི་སྒེར་མིའི་འཕེལ་རྒྱས་དང་སྤྱི་ཚོགས་དར་རྒྱས་ཟུང་དུ་འཇུག་དགོས་པ་དེ་རེད། “རྟགས་བཞག”སློབ་གྲྭ་གཏན་ལ་དབབ་པར།རྒྱུགས་ཞུགས་སློབ་མས་སློབ་གྲྭ་དེའི་ས་ཁམས་གནས་ཡུལ་དང་། དགེ་རྒན་གྱི་གཞི་རྩའི་གནས་ཚུལ། བསླབ་ཚན་ཇུས་འགོད། མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་
“བཀྲ་ཤིས་བདེ་ལེགས”ལ་ཞེ་འཐད་རྒུ་ནས་མེད།
དུས་ཚོད: སྤེལ་མཁན། ཨོམ་འབར།
“བཀྲ་ཤིས་བདེ་ལེགས”ལ་བཀྲ་ཤིས་བདེ་ལེགས་ཏེ་བོད་ཀྱི་ཡི་གེ་ཞིག་ཡིན་པའི་ངོས་ཀྱི་ཡི་གེ་མཚན་ཉིད་ཅན་གྱི་དོན་སྙིང་རང་སྟེང་དུ་གདོད་ནས་གྲུབ་པ་ཞིག་ཡིན་པར་ཁས་འཆེས་ན། ང་ལ་མི་འཐད་མི་མགུ་མི་རངས་པའི་ཆ་སྐར་ལི་གང་ཡང་མེད།
ལབ་ཙེའི་འབྱུང་ཁུངས་ལ་གསར་དུ་དཔྱད་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ང་ཚོ་བོད་ཀྱི་ལོ་རྒྱུས་སྟེང་ལབ་ཙེ་རྩིག་སྲོལ་ནི་དུས་རབས་ནམ་ཞིག་ལ་བྱུང་བ་ཡིན་ཞེ་ན། དེ་ལ་ཡིད་རྟོན་བྱེད་ཆོག་པའི་ཡིག་ཆ་རིན་ཐང་ལྡན་པ་ཞིག་མ་མཐོང་མོད། ལོ་རྒྱུས་དེབ་ཐེར་ཁག་ཏུ་བོད་ཀྱི་རྒྱལ་རབས་ཉེར་བདུན་གྱི་རིང་ལ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་ལས།བོན་ནི་ལྷ་མཆོད་འདྲེ་འདུལ་བྱེད་པའི་གདོལ་མའི་ཆོས་ལུགས་ཤིག་ཡིན་ཞིང་། དེ་ལས་རྒྱུ་འབྲས་དང་བདེན་ལུགས་སྲོག་ཏུ་འཛིན་མཁན་དག་ལ་ལྷ་སྟེ། ཁོང་རྣམས་མཆོད་ཅིང་
འདུ་ཤེས་གསར་བརྗེ།
དུས་ཚོད: སྤེལ་མཁན། དོ་དམ་པ།
བོད་ཡུལ་ལུང་བ་འདིར་མི་སྐྱེ་མ་མྱོང་ལ། དུས་ད་བར་སྐྱེས་སྐྱེས་ཐམས་ཅད་ལྷ་མིན་ན་ཐ་ཤལ་གྱི་འདྲེ་རེད། རྒྱུ་མཚན་ནི་ཁོ་ཚོར་ཆོས་ལུགས་ཀྱི་འདུ་ཤེས་ཤིག་མངའ་བས་རེད། གལ་ཏེ་ང་ཚོ་བོད་མི་རེ་རེའི་ར་རིད་པའི་གཏིང་དུ་ཟུག་པའི་ཆོས་ལུགས་ཀྱི་ལྷ་འདྲེའི་རིགས་པ་དེ་ཕར་མ་དོར་ན། མི་ངོ་མ་ཞིག་སྤྱི་ཚོགས་སུ་ཐོན་ཁག་ལ་རྗེས་ལུས་ཀྱི་ཞྭ་མོ་དེ་ནམ་ཡང་མགོ་ནས་འཕུད་མི་ཐུབ། ང་ཚོའི་ཨ་ཕ་དང་ཨ་ཁུ་ཕར་དེད་པའི་རྗེས་ཀྱི་མི་རབས་གསར་བ་འདི་རིག་གནས་
འགྲུལ་བཞུད་ཀྱི་རྟ་ཁ་འབའ་ཐང་ལ་བསྐྱོགས་པའི་ལེའུ། དང་པོ།
དུས་ཚོད: སྤེལ་མཁན། དོ་དམ་པ།
གཅིག འགྲུལ་བཞུད་ཀྱི་དབུ་ཁྱུད་རྐང་ཚ་ནས་བྲིས། མཚན་མོ་དེར་ངའི་རྨི་ལམ་དུ་མེ་ཏོག་གི་ཆར་བ་བབས།མེ་ཏོག་གི་ཆར་བ་ངའི་རྨི་ལམ་དུ་བབས།མེ་ཏོག་གི་ཆར་བ་དང་བསྡོངས་ནས་ངའི་འགྲུལ་བཞུད་ཀྱི་དབུ་ཁྱུད་བྲིས།འགྲུལ་བཞུད་ཀྱི་རྟ་ཁ་རྨི་ལམ་ནས་འབའ་ཐང་ལ་བསྐྱོགས་ཟིན་པས། ཞོགས་པ་དེར་ཁ་ལག་སྟབས་བདེ་ཞིག་བཀྲུས་རྗེས།ང་ལམ་ལ་ཆས་མགོ་བརྩམས། ང་རང་ལམ་ལ་མ་ཆས་པའི་སྔོན་ཏག་ཏག་དེར་ཁྱོད་ཀྱི་ཁ་པར་འབྱོར།ཁ་པར་ལས་ཁྱོད་ཀྱིས་གསལ་ལ་མི་གསལ་བའི་སྐད་ཆ་འགའ་བཤད་པ་དེས།ང་
རང་འཁྲིའི་འགན་ནི་གང་ན་མཆིས།
དུས་ཚོད: སྤེལ་མཁན། དོ་དམ་པ།
དེང་སང་། སྤྱི་ཚོགས་དཔྱད་བརྗོད་ཀྱི་ཚུགས་ཀ་ཙམ་བོད་ནང་དུ་ཤ་མོ་བརྡོལ་བ་བཞིན་བྱུང་ཞིང་། དེས་རྐྱེན་བྱས་ཏེ། ཀ་ངོ་ཡིག་ངོ་ཆོད་ཅིང་ཡི་གེའི་སྦྱོར་བར་བྱང་ཙམ་གྱི་ཡི་གེ་བ་མང་བོས་བོད་སྤྱི་ཚོགས་ཀྱི་ཟུར་ངོས་སོ་སོ་དང་སྣང་ཚུལ་འདྲ་མིན་ལ་གདེང་འཇོག་རང་ལྟ་བརྗོད་པའི་སྲོལ་ཆེར་དར་བཞིན་མཆིས། འདི་ནི་བལྟས་མ་ཐག་ཉམས་དགའ་ཞིང་སྤྱི་ཚོགས་ཧྲིལ་བོ་སད་རྟོགས་འབྱུང་བཞིན་པ་འདྲ་བའི་ཚུལ་ཙམ་ཡིན་པར་སྣང་མོད། དོན་ལ། སྣང་ཚུལ་
སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་༼སྡིགས་མོ༽བཀླགས་རྗེས་ཀྱི་ཚོར་འདུ་ཐ་ཐོར།
དུས་ཚོད: སྤེལ་མཁན། དོ་དམ་པ།
ངེད་ནི་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་དག་ལས་བརྩམས་སྒྲུང་གཞན་ཀློག་རྒྱུ་ཤིན་ཏུ་ཉུང་བའི་ཁྱད་པར་ཅན་ཞིག་ཡིན། བརྩམས་སྒྲུང་པ་དག་གིས་ཟེར་ན། བརྩམས་སྒྲུང་ནི་སྤྱི་ཚོགས་ཀྱི་མེ་ལོང་ཡིན་ཟེར། སྙན་ངག་པ་དག་གིས་ལབ་ཚེ། སྙན་ངག་ནི་དུས་རབས་ཀྱི་མགྲིན་ཚབ་པ་ཡིན་ཟེར། གང་ལྟར་སོ་སོར་ཐུན་མིན་གྱི་ཁྱད་ཆོས་དང་ནུས་པ་གདའ་བ་སྨྲོས་མ་དགོས། དོ་ནུབ༼དགེ་ཆོས་དྲ་ཚིགས༽ ནས་སྟག་འབུམ་རྒྱལ་གྱི་བརྩམས་ཆོས༼སྡིགས་མོ༽ བཀླགས་པ་ཡིན།
མཐོ་རྒྱུགས་རེ་ཞུའི་རེའུ་མིག་སྐོང་དུས་མཉམ་འཇོག་བྱའི་དོན་ཚན་འགའ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ད་ནི་གཞི་ནས་མཐོ་རྒྱུགས་བླངས་ཚར་ཏེ་རྒྱུགས་འབྲས་ཁྱབ་སྒྲོག་དང་སློབ་ཆེན་ལ་ཞུགས་པའི་ཆེད་ལས་རེ་ཞུའི་རེའུ་མིག་བསྐང་བའི་དུས་སུ་ཐོན་ལ་ཉེ། ད་ལྟ་ད་ལོའི་རྒྱུགས་ཞུགས་སློབ་མ་དང་ཁོ་ཚོའི་ཁྱིམ་བདག་དག་གི་སེམས་ངལ་དུ་གྱུར་ཡོད་པ་ནི་རྒྱུགས་ཞུགས་སློབ་མས་སློབ་ཆེན་འགྲིམ་ཐུབ་མིན་དེ་ཁོ་ན་མིན་པར། སློབ་ཆེན་གྱི་འཚོ་བ་བཟང་པོ་ཞིག་ཇི་ལྟར་རོལ་བ་དང་རང་ཉིད་ལ་འཚམས་པའི་སློབ་ཆེན་ཞིག་ཇི་ལྟར་འགྲིམ་རྒྱུ་དེ་རེད།
དཔེ་ཀློག་སྲོལ་རྒྱུན་དང་རིག་གནས་རང་རྟོན།
དུས་ཚོད: སྤེལ་མཁན། དོ་དམ་པ།
དེ་རིང་གི་བཤད་བྱའི་ནང་དོན་ལ་ཁག་གཙོ་བོ་བཞིར་ཕྱེས་ནས་རིམ་བཞིན་བཤད་པར་བྱ་སྟེ།དང་པོ་དཔེ་ཆ་ནི་ང་ཚོའི་མི་ཚེ་ཡི་སྡོངས་གྲོགས་ཡིན། གཉིས་པ་ང་ཚོ་ལ་དཔེ་ཀློག་གི་སྲོལ་རྒྱུན་བཟང་བོ་ཡོད། གསུམ་པ་དཔེ་ཀློག་ནི་མི་ཞིག་ཏུ་སྐྱེས་པའི་དོན་སྒོ་ཡིན།བཞི་བ་རིག་གནས་ལ་ཡིད་རྟོན་རང་ངོ་ནས་བསྐྱེད་དགོས་ཞེས་པ་འདི་རྣམས་ཡིན། དང་པོ། དཔེ་ཆ་ནི་ང་ཚོའི་མི་ཚེ་ཡི་སྡོངས་གྲོགས་ཡིན། དེ་ཡང་ཨ་རིའི་རྩོམ་མཁན་ཧྥན་ལུང་ལགས་ཀྱིས་བཟོད་སྒོམ་ཞེས་པའི་དཔེ་དེབ་དེའི་དབུར།ཤེས་རྨོངས་ཀྱི་གྲོག་རོང་ན་འཚོ་ཞིང་གཞེས་པའི་མིའི་རིགས་ཀྱི་མེས་པོ་ཞིག་ཕྱི་རོལ་གྱི་འཇིག་རྟེན་སྙེགས་ཕྱིར་དཀའ་བ་བརྒྱ་ཕྲག་གདོང་གིས་
མཐོ་རྒྱུགས་ལ་ཞུགས་མཁན་དག་ལ་བྲིས་པ།
དུས་ཚོད: སྤེལ་མཁན། ཐོག
དུས་ཚོད་འདི་ཅི་འདྲའི་མགྱོགས་པ་ལ་ཨང་། ང་ཚོའི་ཚེ་སྲོག་སྙི་མོ་ནི་དུས་ཚོད་ཀྱི་ཐག་སྒྲར་ཁེན་ནས་འཚར་ཞིང་རྒས་ཀྱིན་འདུག འདི་ལྟར་མི་ཞིག་གི་ཚེ་སྲོག་དེ་དུས་ཚོད་ཀྱི་ཐ་གུས་དམ་པོར་སྦྲེལ་ཡོད་པས། སྐྱེ་རྒ་ན་འཆིའི་བདེ་སྡུག་གི་ཆོས་ཉིད་ཀློང་ན་ང་ཚོ་ཧ་ཅང་ཉམ་ཆུང་། ད་ནི་རླུང་ལྟར་རྒྱུ་བའི་དུས་ཚོད་ཀྱིས་ང་ཚོ་འགྲན་རྩོད་དང་རྒྱལ་ཕམ་རྒོད་པའི་འཐབ་ར་ཞིག་ཏུ་འདེད་ཀྱིན་མཆིས་ཤིང་། ང་ཚོས་ནི་འདི་ལྟ་བུའི་དུས་རབས་དང་སྤྱི་ཚོགས་ཤིག་ལ་དཔའ་གདེངས་ཆེན་པོས་ཁ་གཏད་རྒྱུ་ནི་དོན་གྱི་རྒྱལ་བོ་
ཨ་མ་ལགས།
དུས་ཚོད: སྤེལ་མཁན། དོ་དམ་པ།
༡ ཨ་མ་ལགས། ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་ནས་ལོ་དང་ཟླ་བ་མང་བོ་ཞིག་སོང་བའི་དེ་རིང་། ཁྱེད་ཀྱི་བུ་ཕྲུག་ཕྱོགས་མཐའི་རྒྱལ་ཁམས་འགྲིམས་ཤིང་། མི་ཡུལ་གྱི་ཆར་རླུང་དང་མུན་ནག་གང་མང་ལ་གདོང་གཏད་དགོས་བྱུང་པས། ད་གཟོད། ཨ་མ་ཁྱེད་ཀྱི་རུམ་ཁུང་དྲོན་མོ་དང་བརྩེ་བའི་ནུ་ཞོ་ཡང་ཡང་དྲན་པར་གྱུར།
ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《མི་ལ་ཙི་ཙི》ལ་རགས་ཙམ་དཔྱད་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
【བརྡ་ཆད་གཙོ་བོ།】 སྒྲུང་ཐུང་། བྱིས་སྒྲུང་། སེམས་ཁམས། གླེང་གཞི། སྤྱིར་རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཡིན་པ་དང་། སྒྲུང་གཏམ་ནི་སྤྱི་ཚོགས་འཚོ་བ་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན། བྱུང་རིམ་དང་ཁོར་ཡུག མི་སྣ་བཅས་ནི་སྒྲུང་གཏམ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་དེ་ལ་སྐད་ཆས་རམ་འདེགས་དང་ཡི་གེའི་གཟུགས་རིས་ལ་བརྟེན་ནས་གྲལ་རིམ་མི་འདྲ་བའི་ཀློག་
དྲུག་གཅིག་བྱིས་པའི་དུས་ཆེན་དང་འབྲེལ་ནས་ཕུལ་བའི་གསལ་འདེབས་དྲི་བ་དགུ་སྐོར།
དུས་ཚོད: སྤེལ་མཁན། དོ་དམ་པ།
གནངས་ཉིན་ནི་སྐབས་རེ་དྲུག་པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་རེད། བྱིས་པ་ཚོའི་ལོ་རེའི་འཚར་སྐྱེད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཀྱང་འདི་ནས་འབྱེད་ཀྱི་ཡོད། དེ་ལ་ཐོག་མར་འཇིག་རྟེན་བྱིས་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་འབྲེལ།
༄༅།། བོད་གཡག་རྒོད་ཀུ་ཤུའི་ཡིག་གཟུགས་གསར་མ།།
དུས་ཚོད: སྤེལ་མཁན། དོ་དམ་པ།
༄༅། །བོད་གཡག་རྒོད་ཀུ་ཤུའི་ཡིག་གཟུགས་གསར་མ། ། བོད་སྐད་ཡིག་ལ་མཐོང་ཆེན་དང་ཤ་ཞེན། བོད་མི་རིགས་ལ་དུང་བ་དང་ལྷག་བསམ་ཅན་གྱི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ།
བོད་ཀྱི་རྩོམ་རིག་དང་༼མི་རིགས་ཀྱི་རྩོམ་རིག༽
དུས་ཚོད: སྤེལ་མཁན། ཐོ་རེངས།
བོད་མི་རིགས་ནི་གནའ་སྔ་མོ་ནས། སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་སྙན་པ་འཛམ་གླིང་ཡོངས་སུ་གྲགས་ཆེ་ཞིང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རིག་གནས་སྒྱུ་རྩལ་སོགས་ལ་གཞན་དྲིང་མི་འཇོག་པ་ཞིག་ཡིན་པ་ནི་ལོ་རྒྱུས་དེབ་ཐེར་རིང་མོའི་ཁྲོད་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་ལྷིང་ངེར་ཡོད་ཅིང་། འདས་སོང་གི་ལོ་ཟླའི་ཁྲོད་དུ་སྔོན་བྱོན་མེས་པོ་རྣམས་ཀྱིས་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་ཁྱད་འཕགས་ཀྱི་རིག་གཞུང་པོ་ཏི་རི་བོའི་གཏོས་དང་མཉམ་པ་མང་པོ་གསར་དུ་བཏོད་པ་དེ་དག་གི་མཛད་འཕྲིན་རླབས་པོ་ཆེའི་དྲིན་མྱོང་
རྒྱལ་ཕྱིའི་གློག་བརྙན་ཞིག་ཏུ་བལྟས་རྗེས།
དུས་ཚོད: སྤེལ་མཁན། དོ་དམ་པ།
གློག་བརྙན་དེའི་མིང་ལ༼བྱེ་ཐང་གི་མེ་ཏོག༽(沙漠之花)ཟེར་ཞིང་། དེའི་ནང་གི་གཙོ་འཁྲབ་མི་སྣ་ནི་བུད་མེད་ཅིག་ཡིན་ལ། ཁོ་མོའི་མཚན་དུ་དཔལ་ལེན་བསུ(华莉丝)རུ་འབོད། ཕ་ཡུལ་ནི་ཧྥེ་གླིང་གི་བྱེ་ཐང་ཆེན་མོ་རེད།
འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ངོ་སྤྲོད། (ཁག་དང་བོ)
དུས་ཚོད: སྤེལ་མཁན། དོ་དམ་པ།
ཞ་ལོ་ཏི•པའོ་ལང་ཐིག(1816-1855) གཅིག འབྲེལ་ཡོད་མཚམས་སྦྱོར། ཞ་ལོ་ཏི•པའོ་ལང་ཐིག(1816ལོ་ནས1855ལོའི་བར)ནི་དབྱིན་ཇིའི་བྱང་ཕྱོགས་ཀྱི་ཡུལ་མཐའ་འཁོབ་ཅིག་གི་རི་གྲོང་ཞིག་ཏུ་ཆོས་པ་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས། མོ་ནི་དབྱིན་ཇིའི་མིང་དུ་གྲགས་པའི་བུད་མེད་རྩོམ་པ་པོ་ཞིག་ཡིན།
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྣམ་གྲངས་གསར་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
བརྡ་འཕྲིན་དང་ཚོང་ལས་ཅན་གྱིས་དབང་བསྒྱུར་བའི་དུས་རབས་ཤིག་གི་འཕེལ་འགྲོས་དང་བསྟུན་ཏེ། བོད་སྐད་ཡིག་གིས་མིའི་རིགས་ཀྱི་རེ་འདོད་སྐོང་ཐུབ་ཅིང་། མེད་ཐབས་མེད་པའི་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་སླད།
སྐྱབས་རྗེ་ཨ་དཀོན་རིན་པོ་ཆེའི་ལོ་རྒྱུས་རགས་བསྡུས།
དུས་ཚོད: སྤེལ་མཁན། རྩེ་སྐྱེས་རང་གྲོལ།
ཨ་དཀོན་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི། དང་པོ་སྐུ་འཁྲུངས་པའི་ཡུལ་དང་ངོས་འཛིན་གནང་ཚུལ་ནི། དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་གནང་བའི་རྟགས་ཡིག་ནང་དོན། སྒྲོལ་མ་ལྷ་ཁང་ནས་བྱང་ཤར་ཕྱོགས་རྟ་ལམ་ལྷོད་པོ་གསུམ་ན་ཁྱིམ་ཚང་འབྲིང་པོ་ཙམ་ལ།
ཚོར་སྦྲིད་མི་རབས་ལ་ཆེད་དུ་དྲིས་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
དྲི་བ་འདོན་མཁན། འཛི་གུར་ཀུམ། དྲིས་ལན་ལྡོན་མཁན། ཚོར་སྦྲིད་མི་རབས། དུས་ཚོད། 2015-05-03 དྲི་བ། ཁྱེད་རང་ཚོ་ངོ་སྦྱོར་ཞིག་གནང་རོགས། ལན། འཛི་རྡེའུ་དཀར། འོམ་བུ། ཟྭ། གཟུ་ལུམ་སྟེ་མི་བཞིའི་བདག་ཉིད་ཅན་གྱི་ཚོགས་པ་ཞིག་ཡིན། དྲི་བ། ཁྱེད་རང་ཚོའི་སློབ་སྦྱོང་གི་བརྒྱུད་རིམ་མདོར་བསྡུས་ཤིག་གསུང་རོགས་ཞུ། ལན། ང་ཚོའི་སྦྱང་བྱ་དང་སྦྱང་ཡུལ་ཅུང་མི་འདྲ་བ་ཡོད་མོད།སྤྱིའི་ཆ་ནས་ང་ཚོ་ཚང་མ་སློབ་མ་ནས་གྲྭ་བ་དང་གྲྭ་བ་ནས་སླར་ཡང་སློབ་མ་རུ་གྱུར་སོང་བའི་གོ་རིམ་ཞིག་ཡིན།
བོད་ཁུལ་གྱི་སློབ་ཆེན་ཁག་ཏུ་ཡོད་པའི་དྲ་གྲོགས་སྐོར་ཞིག་ལ་སྤྲིངས།
དུས་ཚོད: སྤེལ་མཁན། དོ་དམ་པ།
__དཔེ་ཀློག་ལ་ཇི་ལྟར་འཇུག་པའི་ལམ། མི་ཞེས་པ་འདི་རྩིས་འཁོར་ཞིག་ཡིན་པའི་དབང་དུ་བྱས་ན། མིའི་ཀླད་པ་ནི་དེའི་མ་ལག་དང་འདྲ་བ་ཡིན། མིའི་ཀླད་པའི་རིག་ནུས་ཅི་འདྲའི་མྱུར་ཞིང་གསལ་ནའང་། དེ་ལ་ཡི་གེ་བསླབས་ཏེ་ཀླད་པའི་རིག་ནུས་ཡར་གསོ་དགོས་པའི་ཆ་རྐྱེན་ངེས་པར་དུ་ཚང་དགོས་པ་ཡིན། དེ་བཞིན་དུ་མ་ལག་ཅི་འདྲའི་ལེགས་པོ་ཞིག་ཡིན་ནའང་། དེ་ཉིད་རིམ་སྤར་བྱས་ནས་གསར་སྒྱུར་ཅིས་ཀྱང་བྱེད་དགོས་ཡོད། མ་ལག་གིི་བྱེད་ནུས་དེ་རིམ་སྤར་བྱས་ནས་གསར་སྒྱུར་བྱས་ཚེ་མ་ལག་གང་དེ་
གྲོང་ཁྱེར་གྱིས་བས་མཐར་དེད་ཟིན་པའི་བོད་མི་ཞིག་གི་འོ་དོད། ཁག་གསུམ་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
—–སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་རིང《མར་ངོའི་ཟླ་བར》དཔྱད་པ། སྒྲེན་པོ། ལྔ། སྒྲུང་རིང་འདིའི་སྐྱོན་ཆ་གཙོ་བོ་བསྟན་པ། གལ་ཏེ་སྒྲུང་རིང་ཞིག་ལ་འཚོ་བའི་ཆ་ཡོད་ཀྱང་འཚོ་བ་མཚོན་པ་མངོན་གསལ་དོད་པོ་མིན་ན་དེ་ནི་སྐྱོན་ཆ་ཆེན་པོ་ཞིག་ཡིན། སྒྲུང་འདིས་མཚོན་པའི་དེང་སྐབས་ཀྱི་སྒྲུང་རིང་མི་ཉུང་བ་ཞིག་ལ་གནས་པའི་གནད་དོན་ཞིག་ནི།
གྲོང་ཁྱེར་གྱིས་བས་མཐར་དེད་ཟིན་པའི་བོད་མི་ཞིག་གི་འོ་དོད། ཁག་གཉིས་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
—-སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་རིང《མར་ངོའི་ཟླ་བར》དཔྱད་པ། སྒྲེན་པོ། གསུམ། སྒྲུང་རིང་གི་ལྷུག་བརྗོད་སྤྲོས་སྟངས། རང་རེའི་སྲོལ་རྒྱུན་བརྩམས་སྒྲུང་ཁྲོད་ཀྱི་གཏམ་རྒྱུད་འཆད་སྲོལ་ཡོད་པའི་འཆད་ཡིག་དང་སྒྲུང་བཤད་སྲོལ་ཡོད་པའི་བཤད་ཡིག་གཉིས་ནི་བརྩམས་སྒྲུང་མ་དར་བའི་སྐབས་ཀྱི)叙述(ལྷུག་བརྗོད་སྤྲོས་ཚུལ་རེད།
གྲོང་ཁྱེར་གྱིས་བས་མཐར་དེད་ཟིན་པའི་བོད་མི་ཞིག་གི་འོ་དོད། ཁག་དང་པོ།
དུས་ཚོད: སྤེལ་མཁན། དོ་དམ་པ།
—–སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་རིང《མར་ངོའི་ཟླ་བར》དཔྱད་པ། སྒྲེན་པོ། སྔོན་འགྲོའི་གཏམ། དུས་ཀྱི་རྩིབས་སྟོང་བར་མེད་འཁོར་བའི་འགྲོས་དང་བསྟུན་ནས་འདུས་སྡོད་དང་བཟོ་ལས་ཅན། སྒྲིག་གཞི་བཅས་ལྟེ་བ་ཡིན་པའི་གྲོང་ཁྱེར་དང་གྲོང་ཁྱེར་རིག་གནས་ཀྱིས་མིའི་རིགས་སྤྱིའི་འཚོ་སྡོད་ཀྱི་ཁོར་ཡུག་དང་འཚོ་གནས་སྐྱེལ་སྟངས་ལ་
འཛམ་གླིང་དཔེ་ཀློག་ཉིན་མོར།
དུས་ཚོད: སྤེལ་མཁན། ཁྱུང་ལྡེའུ་བཙན།
<img class=" wp-image-2064 aligncenter" online casino src=”http://www.lhatso.com/wp-content/uploads/2015/05/u12422548772893700763fm21gp0-300×201.jpg” alt=”u=1242254877,2893700763&fm=21&gp=0″ width=”404″ height=”271″ /> ཀྲང་ཧྥོས་ཡོས།(རྒྱ་ནག) བོད་འགྱུར། སྲིན་པོ། ངས་རང་རེའི་མི་རིགས་དང་རང་རེའི་རྒྱལ་ཁབ།འཛམ་གླིང་འདི་ལ་ང་ཚོར་པར་སྐྲུན་རང་དབང་དགོས་པ་དང་རང་དབང་གིས་དཔེ་ཀློག་བྱེད་དུ་འཇུག་རོགས་ཞེས་བརྗོད་འདོད།རང་དབང་གིས་དཔེ་ཀློག་བྱེད་ཐུབ་པའི་མི་རིགས་ཤིག་ཡིན་ཚེ་གཟོད་མི་རིགས་དེ་ནི་སྤྱང་གྲུང་ལྡན་
“བ་མོང་ཉི་སྡིད་སློབ་གསོའི་རོགས་དངུལ”སྐབས་གཉིས་པའི་གསལ་བསྒྲགས།
དུས་ཚོད: སྤེལ་མཁན། དོ་དམ་པ།
“སྤྱིར་རང་རྒྱལ་མི་དམངས་ཀྱི་ཁྲིམས་ཀྱི་ཤེས་རྟོགས་དམའ་ཞིང་སྒོས་སུ་བོད་མི་དམངས་ཀྱི་ཁྲིམས་ཀྱི་ཤེས་རྟོགས་དེ་ལས་ཀྱང་དམའ་བས། སྤྱི་ཚོགས་ཁྲོད་དམངས་དོན་དང་གྱོད་དོན་སྣ་ཚོགས་འབྱུང་གི་ཡོད་ཅིང་། དོན་དག་སྣ་ཚོགས་འབྱུང་སྐབས། བོད་ཀྱི་མི་སེར་ཕལ་མོ་ཆེས་
བོད་གཡག་རྒོད་བོད་ཡིག་གཏག་ཆས་གསར་མ།
དུས་ཚོད: སྤེལ་མཁན། དོ་དམ་པ།
༄༅།།བོད་གཡག་རྒོད་བོད་ཡིག་གཏག་ཆས་གསར་མ། ༄༅། །བོད་གཡག་རྒོད་བོད་ཡིག་གཏག་ཆས་གསར་མ། ། བོད་ལ་སྙིང་ཉེ་བ་དང་བོད་སྐད་ཡིག་ལ་ཐུགས་ཁུར་གནང་མཁན་གྱི་རྒྱ་ཆེའི་གྲོགས་པོ་ཡོངས་ལ། ཨན་དྲོ་མ་ལག་་གྲངས་ཚད་4.1ལ་མ་སླེབས་པའི་ཁ་པར་ནང་བོད་ཡིག་གི་བརྩེགས་ཡིག་དག་ཡང་དག་པར་འཆར་མ་ཐུབ་པར་བརྟེན་ངས་སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་གཉིས་པ་ཡས་མས་སུ་བོད་ཡིག་གི་ཡིག་གཟུགས་ཀྱི་གནས་ས་བརྗེ་ལེན་གྱི་ཐབས་ལ་
དབྱར་རྩྭ་དགུན་འབུ་དང་རོང་འབྲོག་མང་ཚོགས། ད་དུང་འདོད་ཧམ་དང་ནག་ཉེས།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྦྲ་སྲས་འཁྱམས་པོ། ད་ཐེངས་ང་ཚོ་ཁ་བ་གངས་ཅན་པའི་ཡུལ་ལུང་ཕལ་མོ་ཆེ་ཞིག་ནས་དབྱར་རྩྭ་དགུན་འབུ་རྐོ་མགོ་ཚུགས་ཡོད་ལ། དེའི་ཕྱིར་རོང་འབྲོག་མང་ཚོགས་ཚོ་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་གདོང་ན་འཛུམ་ཞགས་འཁྱིལ་ཡོད། འདི་ནི་སྤྱིར་བཏང་གི་རོང་འབྲོག་མང་ཚོགས་ཚོ་ལ་མཚོན་
ནུབ་བྱང་ནས་གངས་ཀྱི་རོལ་དབྱངས་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་བཅུ་གཉིས་པ་སྤེལ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྤྱི་ལོ༢༠༡༥ལོའི་ཟླ༥ཚེས༡༣ཉིན་གྱི་དགོང་མོ་དུས་ཚོད་བདུན་དང་ཕྱེད་ཀ་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སློབ་ཁུལ་གསར་བའི་སློབ་ཁྲིད་ཐོག་ཁང་གི་སློབ་ཁང་༢༠༡ནས་༼གངས་ཀྱི་རོལ་དབྱངས་ཞེས་པའི་སྙན་ངག་གྱེར་འདོན་སྐབས་བཅུ་གཉིས་པའི་རྟིང་རྩོད་འགྲན་སྡུར་༽བྱས།
སྙན་ངག་པ་དང་སྙན་ངག་མཁན།
དུས་ཚོད: སྤེལ་མཁན། ཐོ་རེངས།
གུར་མགོན་སྐྱབས། རྐྱེན་ཞིག་གིས་ང་ལ་གློ་བུར་བསྐུལ་བ་མ་ཡིན་ཏེ། ལོ་མང་པོའི་རིང་ལ་ངས་སྙན་ངག་པ་དང་སྙན་ངག་མཁན་ཞེས་པའི་ཐ་སྙད་འདི་ལ་མནོ་བསམ་བཏང་མྱོང་། ཐོག་མར་ཡེ་ཤུའི་ཆོས་སྤེལ་མཁན་དང་ཡེ་ཤུའི་ཆོས་སྤེལ་བ་ཞེས་པའི་མིང་འདི་གཉིས་ལས་གང་ལོ་རྒྱུས་ཀྱི་ཐ་སྙད་ལ་འཚམ་པ་གཞི་བྱས་ཏེ། རིགས་འདྲ་བ་གཞན་དག་ལ་ཡང་བསམ་དགོས་པ་བྱུང་། བརྡ་སྤྲོད་ཙམ་གྱི་དབང་དུ་བཏང་ན་དེ་གཉིས་ལ་ཁྱད་པར་ཆེར་མེད་དེ། ཅན་ལྡན་མཁན་གསུམ་
དགེ་ཆོས་ཀློག་པའི་སྔར་མེད་བློ་བསྐྱེད།
དུས་ཚོད: སྤེལ་མཁན། ཨོམ་འབར།
ༀ་འབར། —མཁས་དབང་དགེ་ཆོས་མཆོག་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་རྩ་བརྒྱད་འཁོར་བ་དང་སྐུ་གཤེགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་དུ། མི་ལོ་བརྒྱ་ཕྲག་ཡར་སྔོན་གྱི་སྤྱི་ལོ༡༩༠༣ལོར་དབྱིན་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཡུལ་གཡང་གི་ཕ་ས་རུ་བཙན་འཛུལ་གྱི་མེ་སྒྱོགས་ས་འགས་རྡོ་འགས་ཀྱིས་བརྒྱབ་ཅིང་བརྩེ་བྲལ་གྱི་
བརྩམས་སྒྲུང་འབྲི་བ་ལ་ཀློང་རྡོལ་བའི་ལེའོ་ཐོལ་སི་ཐོ་ཡེ་མཆོག་དང་མཇལ་བ།
དུས་ཚོད: སྤེལ་མཁན། དོ་དམ་པ།
རྡོ་རྗེ་རིན་ཆེན་གྱིས་ཨིན་ཡིག་ལས་བསྒྱུར་བསྒྲིགས་བྱས། ལེའུ་དང་བོ། ལེའོ་ཐོལ་སི་ཐོ་ཡེ(Leo Tolstoy)མཆོག་ནི་༡༨༢༨ལོའི་ཟླ་༡༢བའི་ཚེས་༩ཉིན། གྲོང་ཁྱེར་ཁྲོ་ལ(Tula)དང་ཉེ་ཞིང་མོ་སི་ཁོ་དང་སྤྱི་ལེ་ཉིས་བརྒྱས་ཆོད་པའི་ཡ་སི་ན་ཡ་ཕོ་ལི་ཡ་ན་(Yasnaya Polyana)ཟེར་བའི་གྲོང་ཚོ་ཞིག་ཏུ། ནེ་ཁོ་ལེ་ཐོར་ལི་སི་ཐོ་ཡེ་(Nikolai Tolstoy)ཟེར་བའི་འབྱོར་ལྡན་ཞིང་བདག་ཅིག་གི་ཁྱིམ་དུ་བྱིས་པ་ལྔ་ཡོད་པའི་ནང་གི་བུ་བཞི་བར་སྐྱེས་ཤིང་། ལོ་གཉིས་ལ་སོན་པ་ན་ཁོང་གི་མ་ཡུམ་མ་རེ་ཡ་(Mariya)འདས་གྲོངས་སུ་སོང་། ལོ་བདུན་ལ་ལོན་པ་དང་ཨ་
དྲན་གདུང་གི་རོལ་མོ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁ་བ་སྙིང་ལྕགས། དཔྱིད་ཀ་འདི་དེ་ལྟར་འགྲོ་རུ་ཆུགས གཙང་པོ་འདི་ཡང་དེ་ལྟར་བཞུར་ཏུ་ཆུགས བྱ་ཚོགས་དང་སྤྲིན་པ་རྒྱང་རིང་དུ་ཡལ་རྗེས མཐའ་ཡས་པའི་ནམ་མཁའ་ཁོ་ན་ལུས་སུ་ཆུགས ངས་ལས་དབང་ལ་མགོ་འཕང་སྨད་མ་མྱོང་ནའང འཁྱགས་རོམ་ལས་གྲུབ་པའི་ཁང་མིག་འདིའི་ནང་དུ ཡི་གེ་དང་ཚིག་སྦྱོར་མཐའ་དག་མེ་ལ་བསྲེགས་ནས ཁྱོད་ཀྱི་ཉི་འོད་ལ་རེ་སྒུག་བྱས་མྱོང
སྒྲུང་རིང་རྩོམ་པ་པོར་ཅིས་ཀྱང་ཡོད་འོས་པའི་བླང་བྱ་གསུམ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྒྲེན་པོ། གཅིག སྐད་ཆར་བཙོ་སྦྱངས་བྱེད་པའི་འཇོན་ནུས། སྐད་ཆ་ནི་རྩོམ་རིག་འགྲུབ་བྱེད་ཀྱི་སྒྱུ་རྩལ་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། རྩོམ་རིག་བརྩམས་ཆོས་ཀྱི་མཛེས་པ་མངོན་ཡུལ་ཡང་ཡིན་པ་མ་ཟད། རྩོམ་རིག་སྒྱུ་རྩལ་གྱི་ལས་སྒོ་མཐའ་དག་སྐད་ཆ་ནས་དཔུང་བསྐྱེད་དེ་ཕྱིར་
ལྗགས་མདའི་སྙན་ཚོམ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཁྱོད་ཀྱིས་ང་ལ་ག་ལེར་བལྟས་ཆོག རྡོ་འཁྱག་གི་རྣམ་ཤེས་སྐུང་བའི་རི་མོ་འདི་ཤིགས་དང དབང་རྩ་མི་ཚང་བའི་རླིག་འབྲས་ཆ་གཅིག ད་དུང་ཡང་ཧམ་སེམས་ཀྱིས་མིའི་བརླ་ཤར་འབྱར་འདུག དེས མིའི་རིགས་ཀྱི་གླུ་དབྱངས་ལེན་བཞིན་འདུག མི་ནི་ཧ་ཅང་རྒས་སླ་བ་ཞིག་ག་ལ་ཡིན་ཏེ བྱ་ཚིག་མང་བོ་ཁ་འགྲམ་དུ་འཚང་འདུག རྩོམ་བྱང་ཞིག་གི་རྐང་བ་ཡ་གཅིག རང་གི་སེམས་སྣེ་ལ་བཏགས་འདུག ནམ་མཁའ་དཀར་བོ་ཞིག་ལ་མིག་ཟུང་ལྗང་ཁུ་ཞིག་གཡར་འདུག དཀོན་ཅོག་ནག་པོ་ཞིག་ལ་ཡིག་འབྲུ་དམར་བོ་ཞིག་སྤྲིངས་འདུག
མིང་མེད།
དུས་ཚོད: སྤེལ་མཁན། ཐོ་རེངས།
ཐོ་རེངས། སེང་གེ་ཤི་སོང་བས ཁ་བ་བསྟུན་མར་བབས སེང་གེའི་བང་སོ གནམ་ལ་བཏབ རལ་བ་ལྗང་ཁུ མེ་ཡིས་མ་འཚིག་པར་ལུས གངས་དང་སྤང་རིའི་མཚམས་སུ ཁྱེད་ཀྱི་མཆེ་བའི་ཕྲེང་བ་འཐོར ཕྲུ་གུ་དམར་རྗེན་ཚོ མུན་པ་རིང་མོའི་ཞལ་ཁེབས་ཀྱིས་གཡོགས་ཏེ མིག་ཟུང་སྒོར་སྒོར ཆུ་འཁྱག་བླུགས་པའི་རྫ་མ་ཆེན་པོ་དག་ཏུ་གྱུར།
རྩོམ་རིག་གི་མཛེས་གཙོ་རིང་ལུགས་དང་ཁེ་ཕན་རིང་ལུགས།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྒྲེན་པོའི་ཟིན་བྲིས་ལས་བཏུས། རྩོམ་རིག་སྒྱུ་རྩལ་ནི་སྣ་མང་རྒྱུ་རྐྱེན་དུ་མས་གྲུབ་པའི་རྙོག་ཟིང་གི་འཇིག་རྟེན་གཞན་ཞིག་ཡིན་པས།དེར་སྡོམ་ཚིག་རྡོག་རྡོག་ཅིག་འཇོག་རྒྱུ་ནི་སྲིད་མཐའ་ཙམ་དུ་ཟད།རྩོམ་རིག་ནི་མཛེས་རྟོག་རིག་པ་ཡིན་ལ་མི་ཆོས་ཀུན་སྤྱོད་ཀྱང་ཡིན།དེར་བེད་མེད་སྤྱོད་མེད་དང་དམིགས་མེད་གཏད་མེད་ཀྱི་མཛེས་ཚོར་ཤས་ཆེ་བའི་རང་བཞིན་མཆིས་པ་ཕུད།སྤྱོད་ཡོད་རིན་ཡོད་དང་དམིགས་ཡོད་ཕན་ཡོད་ཀྱི་ཕན་དགེ་ཤས་ཆེ་བའི་ངོ་བོ་ཡང་མངའ།མཛེས་རྟོག་ལ་དོ་སྣང་ཆེན་པོ་བྱེད
རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཙམ་ཡིན་ནམ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྒྲེན་པོའི་ཟིན་བྲིས་ལས་བཏུས། གླེང་གཞི། རྩོམ་རིག་བརྩམས་ཆོས་ནི་སྐད་ཆའི་སྦྱོར་བར་བརྟེན་ནས་གྲུབ་ཀྱིན་ཡོད། བརྩམས་ཆོས་རོལ་མྱོང་བྱེད་སྐབས་ཀློག་པ་པོའི་དབང་ཤེས་ལ་ཐད་ཀའི་མཛེས་ཚོར་སྟོབ་ མཁན་ཡང་རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་ཡིན།འདི་ནི་རྩོམ་རིག་གི་ཆེས་རྩ་བར་ གྱུར་བའི་རྒྱུན་ཤེས་ཤིག་རེད།རྩོམ་རིག་རོལ་མྱོང་བྱེད་མཁན་ལ་མཚོན་ནའང་རྩོམ་ རིག་གི་སྐད་ཆའི་བརྡ་དོན་ཇི་བཞིན་མ་འཁྲོལ་པ་དེ་སྲིད་དུ་བརྩམས་ཆོས་རོལ་མྱོང་ གི་གོ་རིམ་འགྲུབ་མི་བཏུབ།དེ་བཞིན་རྩོམ་རིག་
《བས་མཐའ་བ》ཞེས་པའི་སྒྲུང་གཏམ་བཀླགས་པ།
དུས་ཚོད: སྤེལ་མཁན། དོ་དམ་པ།
སྒྲེན་པོ། དང་པོ། རྩོམ་པ་པོ་ངོ་སྤྲོད།
ཨེ་བྷིར་ཐི་ཁཱ་མིག(Albert Camus)༼1913-1960ལོའི་བར་གྱི་མི༽མཆོག་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་བརྩམས་སྒྲུང་མཁན་དང་ལྷུག་རྩོམ་འབྲི་མཁན།གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའི་དེད་དཔོན་དང་མཚན་ཉིད་རིག་པ་བ་བཅས་ཡིན།
《བགྲེས་པོ་དང་རྒྱ་མཚོ》འི་འགྲེལ་སྟངས་ཤིག
དུས་ཚོད: སྤེལ་མཁན། དོ་དམ་པ།
ཉྭ་སྲིན་པོ། དང་པོ། རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས། དེ་ཡང་ཧེ་མེང་བེའུ༼༡༨༩༩—༡༩༦༡༽ནི་ཨ་རིའི་ཀྲུ་ཅ་གོའུ་རུ་སྐུ་འཁྲུངས་ཤིང་། སློབ་འབྲིང་མཐར་ཕྱིན་རྗེས་ཨ་རིའི་ལྷོ་ནུབ་ཀྱི་ཁན་ས་སི་༼སྐར་ཚོམ༽ཚགས་པར་ཁང་དུ་ཟླ་་དྲུག་ལྷག་གི་རིང་ལ་གསར་འགོད་ཀྱི་དངོས་སྦྱོང་བྱས་ལ།དེས་ཕྱོགས་ཡོངས་ནས་ཁོང་ལ་སྦྱོང་བརྡར་མང་པོ་ཐོབ།འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བྱུང་རྗེས་
སྙན་ངག་གི་མི་རབས་བཞི་བ་གླེང་བའི་ཆེད་རྩོམ་སྐོར་ཞིག
དུས་ཚོད: སྤེལ་མཁན། དོ་དམ་པ།
མི་རབས་ཀྱི་རབ་ཁ་དང་མི་རབས་བཞི་བ། རྣོ་ངར། གདོད་མ་ནས་བཟུང་ལོ་རྒྱུས་ཀྱི་ཆུ་བོ་མ་ཆད་བསྟར་ཆགས་སུ་མར་མར་བཞུར་ཞིང་།ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོ་དེའི་ཁྲོད་དུ་འགྲོ་བ་མི་ཡི་ཚོགས་ནི་རྟུལ་ཕོད་ཅན་དང་དཔྱོད་ཤེས་ཅན།དཔའ་མཛངས་ཅན་དང་འཇོན་ནུས་ཅན་དུ་ཆགས་ནས་མདུན་དུ་བསྐྱོད་པ་རེད་ལ།སྒེར་ཚུགས་དང་ཚོར་དཔྱོད་དོད་པོའི་སྒོས་ནས་ཡར་ཀྱང་ལངས་པ་ཡིན་པས་ན།ལོ་ངོ་སྟོང་ཕྲག་མང་པོ་ཞིག་འགོར་ཀྱང་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་འཚོལ་དཔྱད་ཞེས་གླེང་དགོས་པའམ།ཡང་
ལོ་རེའི་ནོལ་པེའར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་མཁན་དང་དེ་དག་གི་བརྩམས་ཆོས། ཁག་ལྔ་བ།
དུས་ཚོད: སྤེལ་མཁན། དོ་དམ་པ།
གར་དབང་གིས་སྒྲིག་སྒྱུར་བྱས། སྤྱི་ལོ༡༩༤༠ནས་སྤྱི་ལོ༡༩༤༣བར་བྱ་དགའ་མ་བསྩལ། སྤྱི་ལོ༡༩༤༤ལོར། ཏེན་མག་རྒྱལ་ཁབ་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་སྙན་ངག་པ་ཡུའེ་ཧན་ན་སི.ཝེ་ལེན.དབྱང་སེན约翰内斯.威廉.杨森(༡༨༧༣—༡༩༥༠)ལགས་ལ་ནོལ་པེའར་རྩོམ་རིག་བྱ་དགའ་ཐོབ།ཁོང་གི་བརྩམས་ཆོས་གཙོ་བོར《ཡུན་རིང་གི་འགྲུལ་སྐྱོད》དང《འཁྱགས་ཀླུང》《གྲུ》《བོར་ཟིན་པའི་ལྷ་ཡུལ》《ནུ་ཉི་ཡ.ཀོ་སི་ཐེ》《ཀོ་ལུན་པུའུ》
གློག་བརྙན་འཆི་འཕོ་སྙན་ངག་མཐུན་ཚོགས་དང་དེའི་ཕྲན་དཔྱད།
དུས་ཚོད: སྤེལ་མཁན། དོ་དམ་པ།
ཨ་སྒང་ཡར་རྒྱས། གློག་བརྙན་མཚན་བྱང་། འཆི་འཕོའི་སྙན་ངག་མཐུན་ཚོགས། 死亡诗社 འཁྲབ་ཁྲིད་པ། ཕེ་ཏིར.བེར། 彼得•威尔 Peter Weir འཁྲབ་སྟོན་པ་གཙོ་གྲས། རོ་པིན.བེ་ལེམ་ཟི། 罗宾•威廉斯Robin Williams ཨི་ཟེན.ཧོ་ཁི། 伊桑•霍克 Ethan Hawke རོ་བྷུར.ཤེན.ལེ་ནར་ལྡི། 罗伯特•肖恩•莱纳德 Robert Sean Leonard བརྙན་རིགས། གཏམ་རྒྱུད། ཡུན་ཚད། སྐར་མ། ༡༢༨ སྐད་རིགས། ཨིན་སྐད། རྒྱལ་ཁབ། ཨ་མེ་རི་ཀ འགྲེམས་དུས། ༡༩༨༩ལོའི་ཟླ༦ཚེས༢ (ཁྰ་ན་སྒྲ)
གར་དབང་གི་སྒྲུང་ཐུང་གཉིས།
དུས་ཚོད: སྤེལ་མཁན། གར་དབང་དཔལ།
ཀྱག་ཀྱོག སྒྲོལ་མ་སྐྱིད་ཀྱིས་འཁོར་ཁང་དེའི་འདབ་རོལ་ན་ངལ་གསོ་བྱེད་མུས་སུ་གདའ། མོའི་གཡོན་ལག་གིས་ཕྲེང་བ་འདྲེན་བཞིན་པ་དང་། གཡས་ལག་གིས་ག་ལེར་ས་རྡུལ་འདྲེས་མའི་རྔུལ་ཆུ་དེ་འབྱིད་ཙམ་བྱས་རྗེས་མགོ་ཐོག་ལ་བཀབ་པའི་ལག་ཕྱིས་དེ་ཡར་དེད་ཙམ་བྱས། དབེན་ཞིང་ཁུ་སུམ་པའི་དགོན་ཆུང་དེ་དེ་འདྲའི་ཆེ་རྒྱུ་མེད་ནའང་བཟོ་བཀོད་ལེགས་པའི་འདུ་ཁང་དེ་མཐོང་བ་ཙམ་གྱིས་དད་པ་སྐྱེ་འོང་ལ། ལྷ་ཁང་དང་འཁོར་ཁང་སོགས་མང་པོ་མེད་ཀྱང་བཀོད་ལེགས་ཁར་ལྗང་ཐིང་ཐིང་གི་ཁོར་ཡུག་
you must make sure may can splurge on our kind of privilege. One designer handbag may cost a lot even the ones that are tagged as discount handbags or cheap handbags.
དུས་ཚོད: སྤེལ་མཁན། གླག
You never deemed collecting bags can certainly be addicting, Hermes outlet, specially the authentic handbags coming from the favorite brands. Before you indulge on this treat, borse chanel outlet, you must make sure may can splurge on our kind of privilege.
pattina tempesta sopra la cerniera abbottonatura
དུས་ཚོད: སྤེལ་མཁན། གླག
Burberry per i ragazzi infantili fa una linea distintiva di abbigliamento per i neonati che utilizzano i loro modelli di controllo di firma e di tipo classico. La collezione comprende abbigliamento che va da abbigliamento casual, louboutin outlet italia, outwear, e
in uno. Dato il suo talento Transnatural
དུས་ཚོད: སྤེལ་མཁན། གླག
Questo marchio è famosa fin nel 1955, Chanel ha introdotto la borsa classica trapuntata con la tracolla, Burberry outlet, la borsa che ha scosso tutto il mondo della moda. È diventato così popolare il vostro primo anno ha dovuto rifiutare numerose
anche se offre anche un attributo un bel po ‘di borse false sbagliare. La linea di fondo per la lettera E
དུས་ཚོད: སྤེལ་མཁན། གླག
E ‘con questo matrimonio che le celebrità non sono mai stati invitati a e sono state molte stelle sono state prurito per ottenere un invito e un presidente non era davvero dato la copertina di essere chiesto! Il matrimonio di cui
Kate Spade and H&M
དུས་ཚོད: སྤེལ་མཁན། གླག
Everyone who has organization has a certain dress code they must follow, and some jobs also have very specific uniforms that must be worn. Someone utilised in construction, for instance, likely will put on a hard hat and some skinny jeans
འཛམ་གླིང་སྟེང་ཆེས་ཡག་པོའི་ཡུལ་གྱི་བཀོད་པ། ༼ ཁག་དང་པོ། ༽
དུས་ཚོད: སྤེལ་མཁན། དོ་དམ་པ།
འདི་ནི་འཛམ་གླིང་སྟེང་ཆེས་ཡག་པོའི་ཡུལ་གྱི་བཀོད་པ་སྐོར་ཞིག་གི་པར་རིས་ཏེ། གོ་ལའི་ལྷོ་རྒྱུད་ཀྱི་སྐམ་ས་དང་། བར་སྣང་གི་གྲོང་ཁྱེར། ལྐོག་གྱུར་གྱི་མཚོ་འགྲམ། ད་དུང་ཁྱེད་ཀྱི་བློ་ངོར་མ་ཤར་བའི་ས་ཆ་གཞན་པ་འགའ་རེ་ཡང་ཡོད་དོ།།
སློབ་གྲྭ་ཆེན་མོ་ལ་ཐོན་པའི་ཨ་ཕ་དང་ཨ་ཅེ།
དུས་ཚོད: སྤེལ་མཁན། དོ་དམ་པ།
ང་ཚོ་སློབ་མ་ཞིག་ལ་མཚོན་ན། རྒྱུན་དུ་འཚོ་བའི་ཁྲོད་དུ་གོ་ཟིན་པ་ནི།ང་ཚོ་ནི་མི་རིགས་ཞིག་གི་རེ་བ་དང་། མེས་རྒྱལ་གྱི་གཟི་བརྗིད་ཡིན་ཟེར། ཡིན་ནའང་།དོགས་པ་སྤུ་ཙམ་མི་དགོས་པ་ཞིག་ནི་ང་ཚོ་ནི་རང་གི་ཕ་མ་གཙོ་བྱས་ནས་གཉེན་ཉེ་དག་གི་རེ་བ་ཡིན་ངེས་པ་དེ་རེད། བུ་ཚ་རང་གི་བུ་ཚ་མཛེས།མེ་ཏོག་གཞན་གྱི་མེ་ཏོག་མཛེས་ཟེར་བ་བཞིན། ཕ་མ་སུ་ཡིན་རུང་རང་གི་བུ་རྒྱུད་གཅེས་ཆེ་བ་ཞིག་ལས་ཅི་ཡང་མེད། བུ་ཡོན་ཏན་ཅན་ལ་ཞིང་ཁམས་བདེ། རྟ་གོམ་པ་ཅན་ལ་ས་གཞི་བདེ་ཟེར་སྲོལ་ལྟར། དེང་གི་ཕ་མ་དག་གིས་རང་གི་བུ་རྒྱུད་ཚོ་ལ་ཡོན་ཏན་ཅུང་ཙམ་རྒྱས་ཨེ་ཐུབ་བསམ་ནས། ང་དང་ང་འདྲའི་ན་གཞོན་མང་པོ་ཞིག་ལ་རེ་བ་ཆེན་པོ་རེ་བརྐྱངས་ནས་ཕྱིར་སློབ་གཉེར་བྱེད་དུ་བཏང་བ་རེད།
མིག་གསར་བའི་སྙན་ངག་ཁག་བཞི།
དུས་ཚོད: སྤེལ་མཁན། དོ་དམ་པ།
རྨི་ལམ་གྱི་ངོགས། དབྱར་གྱི་མེ་ཏོག་བཀྲ་བས་མཛེས། ། ཡིད་དུ་ལྷུང་བ་མངོན་པར་བཞད། ། ཆར་ཆུ་ངོགས་ཀྱི་བུ་མོ་ཞིག ། རྨི་ལམ་ངོགས་སུ་མཛེས་པར་འཁྲུངས། ། སྔོ་བསངས་ནམ་མཁའ་ཡངས་ཤིང་ཆེ། ། རྨི་ལམ་ངོགས་ཀྱི་བུ་མོ་ཁྱོད། ། སྤྱན་ཡངས་ཡིན་གྱི་བྱ་བ་དེ། ། ལང་ཚོའི་ངོགས་ལ་རྒྱན་འདོགས་འདྲ། ། གཏམ་སྙན་མོལ་བ་ལང་ཚོའི་གླུ། །











































































